དོགས་གཅོད།
ཀྲི་ཤི་ན་མུཀ་ཏེ། གངས་ཐིགས་ཀྱིས་བསྒྱུར།
དོགས་གཅོད་ནི་གྱེན་ལོག་ཁོ་ན་ཞིག་ལ་འགྱུར་གྱིན་འདུག
འདི་ནི་'what
is'ལ་ཡ་ལན་སློག་པ་ཙམ་རེད།
ཡ་ལན་སློག་པའི་བྱ་སྤྱོད་ཡོངས་རྫོགས་ལ་དོན་སྙིང་ཏོག་ཙམ་ལས་མེད།
དམར་ཕྱོགས་རིང་ལུགས་པ་ཚོས་མ་རྩ་རིང་ལུགས་པ་དག་ལ་ངོ་ལོག་བརྒྱབ་པ་རེད་ལ།
པཱ་ལགས་ཀྱིས་སྤྱི་ཚོགས་ཀྱི་འཆར་ཅན་རྒྱུན་སྲོལ་ལ་དང་ལེན་མི་བྱེད་པའི་སྐབས་སུ་བུ་ཡིས་དཔལ་འབྱོར་དང་གྲལ་རིམ་གྱི་བྲན་བཀོལ་འདུ་ཤེས་བརྒྱུད་དེ་ངོ་རྒོལ་བྱས་པ་རེད།
གྱེན་ལོག་འདི་ཚོ་གཅིག་བྱས་ན་དགོས་ངེས་ཤིག་ཡིན་སྲིད། ཡིན་ནའང༌། འདི་ཚོ་ད་དུང་ཧ་ཅང་གཏིང་ཟབ་པོ་དེ་འདྲ་མ་རེད།
རྙིང་བའི་ཚབ་ཏུ་སྒྲོམ་གཞི་གསར་བ་ཞིག་བསྐྱར་བཟློས་བྱེད་བཞིན་ཡོད།
སྒྲོམ་གཞི་རྙིང་བ་ཞིག་འཐོར་བཤིག་ཏུ་བཏང་བ་དང་གསར་བ་ཞིག་ཡིད་ལ་བཟུང་གི་ཡོད།
དེ་ཡིས་སྔ་མ་དེར་ཡང་བསྐྱར་གཏོར་བཤིག་གཏོང་གི་ཡོད།
བཙོན་ཁང་ནང་གི་རྫོགས་མཐའ་མེད་པའི་གྱེན་ལོག་འདི་དག་གིས་བཙོན་ཁང་གི་རྩིག་གྱང་དག་ལ་འཕྲལ་དུ་སྔོན་གྱི་མ་དཔེ་ལ་ཡང་བསྐྱར་མཛེས་རྒྱན་སྤྲོས་དགོས་པའི་ཡ་ལན་སྤྲོད་ཀྱི་ཡོད།
འདི་ཡིས་ང་ཚོ་ལ་ཚད་མེད་པའི་ཆོག་ཤེས་ཤིག་གནང་བཞིན་ཡོད་པ་དང་མཚུངས། དེར་བརྟེན།
ང་ཚོས་རྩིག་གྱང་དེ་ག་རང་ལ་གཏོར་བཤིག་གཏོང་བའི་བསམ་བློ་ཞིག་ཡིད་ལ་སྐྱེས་ཐུབ་ཀྱི་མེད།
འདོད་བློ་མ་ཚིམས་པའི་གནད་དོན་དེ་རྩིག་གྱང་དག་གི་ནང་ལོག་ལ་ཡོད་པ་རེད།
རྩིག་གྱང་འདི་དག་གིས་ང་ཚོ་རྒྱང་རིང་རྒྱང་རིང་ཞིག་ལ་འགྲོར་འཇུག་གིན་མེད། ཡིན་ཡང༌།
དེ་ཡིས་ཁྱེད་རང་ཟླ་བའི་གོ་ལ་དང་རྡུལ་ཕྲ་རབ་ཀྱི་འབར་མདེལ་དག་གི་སར་ཁྲིད་ངེས།
འོན་ཀྱང༌། འདི་དག་ཡོངས་རྫོགས་ཀྱང་ད་དུང་སྡུག་བསྔལ་གྱི་འཁོར་སྐྱོད་ནང་དུ་ལྷག་ཡོད། ཡིན་ཡང༌། སྡུག་བསྔལ་གྱི་འབྱུང་རྩ་ལ་དོགས་གཅོད་དང་དེ་ལས་ཕ་རོལ་དུ་བརྒལ་བ་ནི་ཡ་ལན་ལ་གཡོལ་བ་ཞིག་མ་རེད། དོགས་གཅོད་འདི་ནི་ཟླ་བའི་གོ་ལ་དང་ལྷ་ཁང་ལ་འགྲོ་བ་ལས་ལྷག་པའི་ཁ་ཚ་དགོས་གཏུགས་ཤིག་རེད། དོགས་གཅོད་འདི་ཡིས་རིན་གོང་ཧ་ཅང་མཐོ་བའི་ཁང་བརྩེགས་ཅན་གྱི་བཙོན་ཁང་གསར་བ་ཞིག་གི་སྒྲོམ་གཞི་བཤིག་རལ་དུ་གཏོང་བ་ཙམ་མ་ཡིན་པར་སྒྲོམ་གཞི་དང་དེའི་དཀོན་མཆོག་དག སྐྱབས་མགོན་རྣམ་པ། དཔལ་འབྱོར་རིག་པ་བ་དང་འགོ་ཁྲིད་ཚོ་བཅས་ཚལ་བར་གཏོང་གི་ཡོད། དོགས་གཅོད་འདི་ནི་བསམ་བློའི་ལྟ་བ་གཞན་ཞིག་གི་བདེན་པ་ར་སྤྲོད་མིན། འདི་ཡིས་བསམ་བློའི་མ་ལག་དང་སྡོམ་ཚིག གཞུང་ལུགས་དག་ལ་གཏོར་བཤིག་གཏོང་གི་ཡོད། དོགས་གཅོད་འདི་ཡིས་དབང་ཤུགས་ཏེ་ཉམས་མྱོང་གི་དབང་ཤུགས་དང་ཐ་སྙད་ཀྱི་དབང་ཤུགས། ཆེས་བཀུར་བའི་སྡུག་ཉེས་ཏེ་སྟོབས་འབྱོར་གྱི་དབང་ཤུགས་བཅས་ལ་གཏོར་བཤིག་གཏོང་གི་ཡོད། དོགས་གཅོད་འདི་ནི་ཡ་ལན་དང་གདམ་ག ཀུན་སློང་བཅས་ལས་སྐྱེས་བ་མིན། དོགས་གཅོད་འདི་ཡིས་ཀུན་སྤྱོད་དེ་བཀུར་བར་འོས་པའི་རང་ཉིད་གཙོར་བཟུང་གི་བྱ་བ་དེ་རྩ་མེད་ལ་གཏོང་གི་ཡོད། དུས་རྒྱུན་དུ་བྱ་འགུལ་འདི་རང་ལ་བཅོས་སྒྱུར་གཏོང་གི་ཡོད་སྟབས་ཕམ་ཉེས་གཏོང་ཐུབ་ཀྱི་མེད། རྫོགས་མཐའ་མེད་པའི་བཅོས་སྒྱུར་ནི་རྫོགས་མཐའ་མེད་པའི་སྡུག་བསྔལ་ཡིན། རྒྱུ་དང་ཀུན་སློང་ཅི་ཞིག་གིས་བསླངས་པ་དེ་ཡིས་འུ་ཐུག་ཐབས་ཟད་དང་ཟུག་རྔུ་དྲག་པོ་སྐྱེད་གནང་གི་ཡོད།

ང་ཚོ་བདག་ཉིད་གཞིར་བཞག་པའི་'བདག'་དང'་བདག་གི་བ'་འདིར་ཡོངས་སུ་གཏོར་བཤིག་གཏོང་བར་ཞེད་སྣང་སྐྱེས་ཀྱིན་ཡོད་ཅིང༌།
རྟོགས་པ་ནི་མ་རྟོགས་པ་ལས་བཟང་ཞིང༌། གཏི་མུག་དང་འཁྲུག་རྩོད།
སྡུག་བསྔལ་བཅས་རྟོགས་པ་ལས་བྱུང་བའི་རང་དབང་གིས་ང་ཚོས་དུས་རྒྱུན་བརྗོད་པའི་བརྩེ་བ་དང་འབྲེལ་བ།
དགའ་སྤྲོ་སོགས་ལ་གཏོར་བཤིག་གཏོང་སྲིད།
འབར་གས་རང་བཞིན་གྱི་ནུས་པ་ལྡན་པའི་དོགས་གཅོད་འདི་ནི་ཡ་ལན་མིན་ཞིང༌།
འདི་ཡིས་སྡུག་བསྔལ་དང་དེ་བཞིན་དུ་བརྩེ་བ་བཅས་ལ་གཏོར་བཤིག་གཏོང་གི་ཡོད། དེའི་རྗེས།
བསམ་བློ་དང་ཚོར་བས་གཞལ་མི་ཐུབ་པ་ཞིག་འབྱུང་བར་འགྱུར།
ང་ཚོའི་མི་ཚེ་འདི་ཤེས་རྒྱ་ཧ་ཅང་ཆུང་ཞིང་སྙིང་བོ་དབེན་རྐྱེན།
བསམ་བློ་ཆུང་ཆུང་དང་བྱ་འགུལ་ཙག་ཙིག་ལ་མགོ་འཐོམས་ཏེ་དུས་རྒྱུན་དཀའ་རྙོག་དང་སྡུག་བསྔལ་གྱི་དྲ་རྒྱར་ཚུད་ཡོད་ཅིང༌།
ད་དུང་རྣམ་པ་ཀུན་ཏུ་རྟོགས་པ་ནས་རྟོགས་པ་ལ་འགྲུལ་བཞུད་གནང་གི་ཡོད།
སེམས་ཁམས་རིག་པའི་ཐད་ནས་བདེ་འཇགས་ཀྱི་དགོས་འདུན་འདོན་གྱི་ཡོད་པ་རེད།
ཁྱོད་ཀྱིས་དེར་ཅི་ཙམ་གྱིས་རེ་བ་བརྒྱབ་ཀྱང་ཤེས་རྟོགས་knowingནང་དུ་བདེ་འཇགས་མེད།
བདེ་འཇགས་ནི་དུས་ཚོད་རེད་ལ། སེམས་ཁམས་རིག་པའི་སྒང་ནས་བརྗོད་ན'་དུས'་ཟེར་བ་ཞིག་མེད། དེ་ནི་བཅོས་སྒྲུང་ཞིག་རེད།
དེ་ནི་འཁྲུལ་སྣང་ཞིག་རེད། དེ་ཡིས་ཞེད་སྣང་སྐྱེས་འཇུག་གིན་ཡོད།
ད་ལྟ་རྟག་པ་ཞིག་མེད་ལ། མ་འོངས་རྟག་པ་ཞིག་ཀྱང་མེད།
ཡང་དག་པའི་དོགས་གཅོད་དང་ཡང་དག་པའི་ཉན་འཇོག་གནང་ན་བསམ་བློ་དང་ཚོར་བས་བསྐྲུན་པའི་སྒྲོམ་གཞི་འདི་གཏོར་ཐུབ་ཀྱི་ཡོད་ཅིང༌།
ཤེས་རྟོགས་ཀྱི་སྒྲོམ་གཞི་འདི་དུམ་བུར་གཏོང་ནུས།
རང་རྟོགས་ཏེ་རང་གི་བསམ་བློ་དང་ཚོར་བའི་འགྲོ་སྟངས་ཤེས་པ་དང་དེ་གཉིས་ཀྱི་འགུལ་སྐྱོད་རེ་རེར་རྣ་བས་གཏད་ན་ཤེས་རྟོགས་འདི་མཇུག་སྒྲིལ་ཐུབ།
ཤེས་རྟོགས་ཀྱིས་སྡུག་བསྔལ་སྐྱེད་ཀྱིན་ཡོད། བརྩེ་བ་ནི་ཤེས་རྟོགས་ལས་བྱུང་བའི་རང་དབང་ཡིན།
No comments:
Post a Comment