Saturday, March 17, 2012

ཁྲིམས་ལུགས་ཀྱི་མདུན་དུ།

ཁ་ཧྥུ་ཁས་བརྩམས། གངས་ཐིགས་ཀྱིས་བསྒྱུར།

ཁྲིམས་ལུགས་ཀྱི་མདུན་དུ་སྒོ་སྲུང་བ་ཞིག་བསྡད་ཡོད། མི་ཞིག་གྲོང་གསེབ་ནས་ཡོང་སྟེ་སྒོ་སྲུང་བར་ཁོང་ནང་ལ་འགྲོ་ཆོག་པའི་བཀའ་ཁྲོལ་ཞུ་གིན་ཡོད། འོན་ཀྱང༌།སྒོ་སྲུང་བས་སྐབས་འདིར་ཁོང་ནང་དུ་འགྲོ་བར་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར། མི་དེས་དེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། དེའི་རྗེས་ཁོས་ཅུང་ཙམ་རྗེས་སུ་ཁོང་ནང་དུ་འགྲོ་ཆོག་མིན་འདྲི་གིན་ཡོད།

དེ་ནི་འབྱུང་སྲིད་པ་རེད།སྒོ་སྲུང་བས་ན་རེ།ཡིན་ཡང་ད་ལྟ་མི་ཆོགསྐབས་དེར་ཁྲིམས་ལུགས་ཀྱི་མདུན་དུ་འགྲོ་བའི་སྒོ་མོ་ནམ་རྒྱུན་བཞིན་འབྱེད་ཡོད་པ་དང་སྒོ་སྲུང་བ་ཁང་པའི་ཟུར་ལོག་དུ་ཕྱིན། དེ་ལྟར་མི་དེས་ནང་ལ་འགྲོ་བའི་སྒོ་མོ་ལ་བལྟ་ཆེད་སྒུར་སྒུར་བྱེད་ཀྱིན་འདུག སྒོ་སྲུང་བས་དེར་དོ་སྣང་བྱུང་བ་དང་གད་མོ་ཤོར་བཞིན་བརྗོད་དོན།གལ་ཏེ་དེས་ཁྱེད་ལ་ཤིན་ཏུ་སླུ་བྲིད་གཏོང་གི་འདུག་ན། བདག་གི་བཀག་འགོག་ལ་མ་ལྟོས་པར་ཁྱེད་ནང་དུ་འགྲོ་བར་འབད་བརྩོན་བྱེད་ཆོག ཡིན་ཡང་ཁྱེད་ཀྱིས་ང་ནི་སྟོབས་ཤུགས་ཅན་ཞིག་ཡིན་པ་ཤེས་རོགས་མཛོད། ང་ནི་ཆེས་དམའ་ཤོས་ཀྱི་སྒོ་སྲུང་བ་གཅིག་པུ་དེ་ཡིན། ཡིན་ཡང༌།ཁང་མིག་ནས་ཁང་མིག་བར་སྒོ་སྲུང་བ་འགྲེང་ཡོད། ཁོ་ཚོ་རེ་རེ་གཞན་ལས་སྟོབས་ཤུགས་ཆེ་བ་ཡོད། ངས་ཐ་ན་སྒོ་སྲུང་བ་གསུམ་པ་དེར་ཟུར་མིག་ཙམ་ཡང་འཕེན་མི་ནུས།གྲོང་གསེབ་ནས་ཡོང་བའི་མི་དེས་འདི་འདྲ་དཀའ་ངལ་ཞིག་ཆེ་བ་ཡིད་ལའང་བསམ་མྱོང་མེད། ཁོས་ཁྲིམས་ལུགས་ནི་རྟག་པར་མི་རེ་ངོ་རེ་ལ་ཐུག་འཕྲད་བདེ་བ་ཡོང་དགོས་པར་བསམ་ཞིང། ད་ལྟ་ཁོང་གིས་སྒོ་སྲུང་བ་དེར་ཞིབ་ལྟ་བྱེད་བཞིན་ཡོད། སྒོ་སྲུང་བས་པགས་ཚགས་ཤིག་གྱོན་འདུག ཁོང་གི་མངོན་གསལ་ཅན་གྱི་སྣ་ཁུང་ཆེན་པོ་དེ་དང་སྣག་ཅིང་སྲབ་པའི་ཧོར་རིགས་ཀྱི་སྨྲ་ར་དེར་ལྟ་ཞོར་གྲོང་གསེབ་པས་ཁོང་རང་ཉིད་ནང་ལ་འགྲོ་ཆོག་པའི་བཀའ་ཁྲོལ་མ་ཐོབ་བར་དུ་སྒུག་ན་ཡག་ཤོས་ཡིན་པ་ཐག་བཅད། སྒོ་སྲུང་བས་ཁོང་ལ་རྐུབ་སྟེགས་ཤིག་སྤྲད་དེ་སྒོ་མདུན་གྱི་འགྲམ་དུ་སྡོད་དུ་བཅུག དེ་རུ་ཁོང་ཉིན་དང་ཉིན་མཐུད།ལོ་དང་ལོ་མཐུད་དེ་བསྡད། ཁོང་ནང་དུ་འགྲོ་བར་འབད་བརྩོན་མང་པོ་བྱེད་ཀྱི་ཡོད་ལ་ཁོང་གི་རེ་སྐུལ་དག་གིས་ཐ་ན་སྒོ་སྲུང་བ་ཐང་ཆད་འཇུག་གི་ཡོད། སྒོ་སྲུང་བས་མདོར་བསྡུས་ཀྱི་སྒོ་ནས་ཁོང་ལ་ཁོང་གི་ཕ་ཡུལ་གྱི་སྐོར་དང་དེ་མིན་གཞན་དག་གི་དྲི་བ་མང་པོ་འདྲི་བཞིན་གདའ། ཡིན་ཡང་དེ་དག་ནི་མི་བཟང་གྲགས་ཅན་དེ་ཚོས་འགོད་པའི་དོན་དག་མེད་པའི་དྲི་བ་རྐྱང་རྐྱང་རེད་འདུག མཇུག་མཐར་ཁོས་ཁོང་ལ་ད་དུང་ཡང་འགྲོ་འཇུག་ཐུབ་ཀྱི་མི་འདུག་ཅེས་རྟག་ཏུ་ཡང་ཡང་ལབ་ཀྱི་ཡོད། མི་འདིས་ཁོང་གི་འགྲུལ་བཞུད་ཆེད་དུ་རང་ཉིད་ལ་མཁོ་ཆས་མང་པོ་ཞིག་འཁུར་ཡོང་ཡོད། སྒོ་སྲུང་བ་འདི་ལས་་ཐར་བའི་ཆེད་དུ་ཅ་ལག་རིན་ཐང་ཇི་འདྲ་ཆེ་ནའང་ཁོས་ཡོད་ཚད་འགྲོ་གྲོན་གཏོང་གི་ཡོད། སྒོ་སྲུང་བ་དེས་དེ་དག་ལེན་གྱི་ཡོད། ཡིན་ཡང༌།ཁོས་ངས་འདི་གཅིག་པུ་ལེན་གྱི་ཡོད། འདི་ལྟར་བྱས་ན་ཁྱེད་ཀྱིས་ངས་གང་ཡང་འགྲུབ་་མི་འདུག་ཅེས་བསམ་གྱི་མ་རེད།འདི་ལྟར་བརྗོད་ཀྱི་ཡོད།ལོ་མང་པོ་རིང་ལ་མི་འདིས་སྒོ་སྲུང་བར་མུ་མཐུད་དུ་བརྟག་དཔྱད་བྱེད་ཀྱི་ཡོད། ཁོས་འདི་ལྟར་སྒོ་སྲུང་བ་གཞན་དག་དྲན་པ་བརྗེད། ཁོང་ལ་མཚོན་ན་མི་འདི་ནི་རང་ཉིད་ཁྲིམས་ལུགས་ཀྱི་མདུན་དུ་འགྲོ་བར་འགོག་རྐྱེན་གཅིག་པུ་དེ་ཡིན་པ་གཉིས་སུ་མེད། ཁོང་གིས་ཐོག་མའི་ལོ་ཟླ་དག་ལ་བསམ་བློ་མ་བཏང་བར་བསོད་ནམས་དམན་པའི་རང་ཉིད་ཀྱི་གནས་སྟངས་འདི་ལ་སྐད་ཤུགས་ཆེན་པོའི་ངང་དམོད་མོ་རྒྱག་བཞིན་ཡོད། རྗེས་སུ་ཁོང་ལོ་ན་ཆེ་རུ་འགྲོ་དུས་ཁོས་ད་དུང་ཡང་རང་ཉིད་ལ་ལྡབ་ལྡིབ་དུ་བརྗོད་བཞིན་མཆིས། ལོ་མང་པོར་སྒོ་སྲུང་བར་ཞིབ་འཇུག་བྱས་པ་ནས་བཟུང་ཁོས་ཁོང་གི་པགས་ཚགས་ཀྱི་གོང་བུའི་ནང་གི་ལྗི་བ་དག་ངོ་ཤེས་བྱུང་ཞིང༌། ཁོང་བྱིས་པ་འདྲ་བོ་ཆགས་ཡོད།ཁོས་ཐ་ན་ལྗི་བ་དག་ལ་ཁོང་ལ་སྒོ་སྲུང་བར་གནས་ལུགས་བཤད་ནས་བློ་སྣ་འགུག་པར་རོགས་སྐྱོར་བྱེད་པའི་རེ་བ་ཞུ་གིན་ཡོད། མཐའ་མཇུག་ཏུ་ཁོང་གི་མིག་ཤེད་སྐྱོ་རུ་ཆགས་ཀྱི་ཡོད་པ་དང༌། ཁོས་རང་གི་མཐའ་སྐོར་གྱི་བྱ་དངོས་དག་དངོས་གནས་ནག་ཁོང་ཆགས་ཀྱི་ཡོད་པ་རེད་དམ་ཡང་ན་ཁོང་གི་མིག་ཟུང་གིས་ཁོང་སླུ་བྲིད་བྱེད་བཞིན་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང༌།ཁོས་ད་ལྟ་མུན་ནག་ནང་འོད་སྣང་ཞིག་ངོས་བཟུང་གི་ཡོད་ལ་འོད་སྣང་དེས་ཡལ་བ་མེད་པར་ཁྲིམས་ལུགས་ལ་འགྲོ་བའི་ལམ་ཁ་གསལ་བོར་བཟོ་བཞིན་ཡོད། ད་ནི་ཁོང་འཚོ་སྡོད་ཀྱི་དུས་ཚོད་མང་པོ་ལྷག་མེད། ཁོང་མ་ཤི་སྔོན་དུ་ཁོས་ཁོང་གི་མགོ་ནང་ལ་མི་ཚེ་ཧྲིལ་བོའི་ཉམས་མྱོང་ཡོངས་རྫོགས་བསྡོམས་ཏེ་དྲི་བ་གཅིག་བཟོ་གིན་ཡོད། འདི་ཁོས་ད་དུང་སྒོ་སྲུང་བར་དྲིས་མེད། ཁོང་གིས་ད་ནི་མཁྲེགས་པོར་གྱུར་བའི་རང་གི་གཟུགས་པོ་ཡར་མགྱོགས་ཐུབ་ཀྱི་མེད། དེར་བརྟེན།སྒོ་སྲུང་བས་ཁོང་ལ་ལག་པ་གཡུགས་གཡུགས་བྱེད་ཀྱི་ཡོད། སྒོ་སྲུང་བས་ཁོང་ལ་གཟུགས་པོ་སྒུར་སྒུར་བྱེད་དགོས་བྱུང༌། ཅིའི་ཕྱིར་ཞེ་ན།བྱ་དངོས་དག་ཁོང་ལ་འགལ་རྐྱེན་དུ་གྱུར་ཏེ་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད།ཁྱེད་ཀྱིས་ད་དུང་ག་རེ་ཤེས་ན་འདོད་ཀྱི་འདུགསྒོ་སྲུང་བས་འདྲི་རྒྱུ།ཁྱེད་ནི་འདོད་པ་ཚིམས་རྒྱུ་མེད་པ་ཞིག་རེད།” “མི་ཚང་མས་ཁྲིམས་ལུགས་ཀྱི་རྗེས་སུ་འཐབ་རྩོད་བྱེད་ཀྱི་འདུགམི་དེས་བརྗོད་དོན།དེར་བརྟེན། ལོ་ངོ་མང་པོ་འདི་དག་ནང་ང་གཅིག་པུ་མ་གཏོགས་སུས་ཀྱང་ནང་ལ་འཛུལ་བར་རེ་སྐུལ་བྱེད་ཀྱི་མི་འདུག དེ་གང་འདྲ་རེད།སྒོ་སྲུང་བས་མི་འདི་སྔ་ས་ནས་འཆི་བཞིན་ཡོད་པ་མཐོང་ཡོད། ཆུང་དུ་འགྲོ་བཞིན་པའི་ཁོང་གི་ཐོས་པའི་ཚོར་བ་ལ་སླེབས་པའི་ཆེད་དུ་ཁོསསྒོ་འདི་དེ་སྔ་ཁྱོད་གཅིག་པུ་ལ་ཕྱེ་ཡོད་པ་ནས་བཟུང་མི་སུའང་ནང་དུ་འགྲོ་ཆོག་པའི་བཀའ་ཁྲོལ་རག་ཐུབ་ཀྱི་མེད། ད་ལྟ་ང་སོང་སྟེ་སྒོ་རྒྱག་གི་ཡིན།ཞེས་ཁོང་ལ་སྐད་ཤུགས་ཆེན་པོ་རྒྱག་གི་ཡོད།

No comments:

Post a Comment