Saturday, March 17, 2012


ཨོ་ཞའོ་ཡི་བཀའ་རྒྱ་བཅུ།
Osho's"Ten Commandments"
མང་རའི་གངས་ཐིགས་ཀྱིས་བསྒྱུར།


ཨོ་ཞའོ་མཆོག་ལ་ཁོང་གི་བཀའ་རྒྱ་བཅུ་གང་དག་ཡིན་མིན་དྲིས་སྐབས། འདི་ནི་ཁོང་གི་ལྗགས་ལན་རེད།
"ཁྱེད་ཀྱིས་ངའི་བཀའ་རྒྱ་བཅུ་གང་དག་ཡིན་མིན་འདྲི་གིན་འདུག དེ་ནི་གནད་དོན་ཧ་ཅང་དཀའ་མོ་ཞིག་རེད། ཅིའི་ཕྱིར་ཞེ་ན། ངས་བཀའ་རྒྱའི་རིགས་གང་ཡིན་ཚང་མ་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཡིན་ཡང༌། རྩེད་མོ་ཙམ་གྱི་ཚུལ་དུ་འདི་དག་འབྲི་ཆོག"
Osho was asked for his ten commandments.
This was his response:
"You have asked for my Ten Commandments. It's a difficult matter, because I am against any kind of commandment. Yet, just for the fun of it, I write:"

ཨོ་ཞའོ་ཡི་བཀའ་རྒྱ་བཅུ།
Osho's"Ten Commandments"
Never obey anyone's command unless it is coming from within you also.
༡ རང་སེམས་ནས་ངེས་ཤེས་མ་བརྙེད་ན་དཀོན་མཆོག་གི་བཀའ་ལའང་བརྩི་སྲུང་གཏན་ནས་བྱེད་མི་དགོས།
There is no God other than life itself
༢ རང་ཉིད་ཀྱི་མི་ཚེ་ནི་རང་གི་དཀོན་མཆོག་ཡིན།
Truth is within you; do not search for it elsewhere.
༣ བདེན་པ་ནི་རང་སེམས་ན་ཡོད། ཕྱོགས་གཞན་ལ་འཚོལ་དུ་མ་འགྲོ།
Love is prayer.
༤ བྱམས་བརྩེ་ནི་སྨོན་ལམ་ཡིན།
To become nothingness is the door to truth. Nothingness itself is the means, the goal and attainment.
༥ སྟོང་ཉིད་ལ་འགྱུར་བ་བྱེད་རྒྱུ་ནི་བདེན་པའི་སྒོ་མོ་ཡིན། སྟོང་ཉིད་རང་ནི་བསྒྲུབ་བྱ་ཡིན། ཐབས་ལམ་ཡིན། འབྲས་བུ་ཡིན།
Life is now and here.
༦ འཚོ་བའི་དུས་ནི་ད་ལྟ་ཡིན།། འཚོ་བའི་ཡུལ་ནི་འདི་རུ་ཡིན།།
Live wakefully.
༧ གྲུང་བོའི་ངང་ནས་འཚོ་བ་སྐྱེལ་བར་མཛོད།
Do not swim – float.
༨ ཆུ་སྣ་གར་འཁྲིད་མ་བྱེད་རོགས།
Die each moment so that you can be new each moment.
༩ བྱ་དངོས་ཡོད་ཚད་སྐད་ཅིག་སྐད་ཅིག་ལ་འཇིག་གི་ཡོད། དེར་བརྟེན། ཁྱེད་རང་སྐད་ཅིག་རེ་རེར་མི་བུ་གསར་བ་བྱེད་ཐུབ།
Do not search. That which is is. Stop and see.
༡༠ ཕྱོགས་གང་སར་འཚོལ་དུ་འགྲོ་མཚམས་བཞག་སྟེ་ལྟོས་དང༌། གང་གང་ཡིན་པ།། དེ་དེ་བཞིན་ནོ།།
༼གསལ་བཤད། ཨོ་ཤོ་མཆོག་གིས་ཁོང་གི་མ་ཕྱིའི་ཡི་གེ་ནང་ཨང་གྲངས་གསུམ་བདུན་དགུ་བཅུ་བཅས་ལ་རྟགས་དམར་པོ་བརྒྱབ་ཡོད་འདུག༽

No comments:

Post a Comment